མཚོ་དང་ཆུ་བོ་ཆེ་ཆུང་།



༼ ཀ ༽
ཀུན་དགའ་མཚོ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀུང་ཧོ་རྫོང་ཁོངས་སུ་ཡོད་པའི་མཚོ་ཞིག་གི་མིང་།
更尕湖。在青海省海南藏族自治州共和县境内。
ཀེ་ཆུ།
ཟླ་ཆུའི་ཡན་ལག བོད་རང་སྐྱོང་ལྗོངས་ཀྱི་འཇོ་མདའ་རྫོང་དང་ཆབ་མདོ་རྫོང་ཁོངས་སུ་ཡོད་པའི་འབབ་ཆུ་ཞིག་གི་མིང་།
盖曲。河名。在西藏自治区江达县和唱都境,为澜沧江支流。

དཀར་ལ་ལྷ་མཚོ།
མཚོ་སྔོན་ཞིང་ཆེན་ཁོངས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་དུ་ཡོད་པའི་མཚོ་ཞིག་གི་མིང་།
尕拉拉措。湖名。在青海省果洛藏族自治州玛多县境内。
རྐང་རྟེང་རོང་ཆུ།
འབབ་ཆུ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་མཚོ་སྣ་རྫོང་ཁོངས་མོན་ཡུལ་དུ་ཡོད།
刚底绒曲。西藏自治区错那县属门隅地区一河流名。
རྐྱང་ཆུ།
མཚོ་སྔོན་ཞིང་ཆེན་ཁོངས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཡོད་པའི་རྨ་ཆུའི་ཆུ་ལག་ཅིག
黑河。青海省果洛藏族自治州玛多县南部黄河一支流。
སྐ་རིང་མཚོ།
ཚྭ་མཚོ་ཞིག་སྟེ་བོད་རང་སྐྱོང་ལྗོངས་ཀྱི་མཚོ་ཆེན་རྫོང་གི་དབུས་སུ་ཡོད།
噶仁错。盐湖名。在西藏自治区措勤县境。
སྐྱིད་ཆུ།
ལྷ་ས་གྲོང་ཁྱེར་གྱི་འགྲམ་དུ་ཡོད་པའི་གཙང་པོ་སྟེ། ཆུ་འགོ་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་ལྷོ་ངོས་ནས་བྱུང་ཞིང་། མལ་གྲོ་གུང་དཀར་དང་། སྟག་རྩེ། འཕན་པོ། སྟོད་ལུང་སོགས་ཆུ་བོ་འདིའི་མ་ལག་གི་རྒྱུད་ན་ཆགས་ཡོད། མཐར་ཆུ་ཤུར་རྫོང་དུ་ཡར་ཀླུང་གཙང་པོའི་ནང་དུ་འབབ།
吉曲。拉萨河。唐书称为逻娑川。因流经拉萨市郊,故又名拉萨河,源出念青唐古拉南麓,经墨竹工卡,达孜,澎波,堆龙等地,于曲水县流入雅鲁藏布江。
སྐྱིད་རོང་གཙང་ཆུ།
བོད་རང་སྐྱོང་ལྗོངས་ཀྱི་སྐྱིད་རོང་རྫོང་ནས་བྱུང་སྟེ་ལྷོ་ཕྱོགས་བལ་ཡུལ་དུ་འབབ་པའི་ཆུ་བོ་ཞིག་ཡིན།
吉隆藏布。河名。源出西藏自治区吉隆县,南流入尼伯尔境。
༼ ཁ ༽
ཁ་འབབ་བཞི།
གངས་ཏེ་སེའི་ཕྱོགས་བཞི་ནས་འབབ་པའི་ཆུ་བོ་བཞི་སྟེ། ཤར་ཕྱོགས་གླང་ཆེན་ཁ་ནས་གང་གཱ་འབབ། ལྷོ་ཕྱོགས་རྨ་བྱའི་ཁ་ནས་སིནྔྷུ་འབབ། ནུབ་ཕྱོགས་རྟ་ཡི་ཁ་ནས་པཀྴུ་འབབ། འདི་ལ་ཡར་ཀླུང་གཙང་པོའང་ཟེར། བྱང་ཕྱོགས་སེང་གེའི་ཁ་ནས་སི་ཏ་འབབ།
四河源。从冈底斯山主峰附近流出的四大水源:东面象泉河为恒河之源,南面孔雀河为信度河之源,西面马泉河为缚刍河或雅鲁藏布江之源,北面狮泉河为徙多河之源。
ཁང་རོ་ཚྭ་ཁ།
བོད་རང་སྐྱོང་ལྗོངས་ཀྱི་ཤན་རྩ་རྫོང་ཁོངས་སུ་ཡོད།
康如茶卡。盐湖名。在西藏自治区申扎县境。
ཁམ་བུ་མ་ཆུ།
བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་ན་ཡོད་པའི་འབབ་ཆུ་ཞིག  དེའི་ཆུ་འགོ་བློན་པོ་རྒྱལ་གདོང་ནས་བྱུང་ཞིང་། གྲོ་མོ་བརྒྱུད་ནས་འབྲུག་ཡུལ་དུ་འབབ།
康布麻曲。西藏自治区南部一河名。源于龙布结东峰,流入不丹。
ཁམས་སྟོད་རྒྱལ་མོའི་དངུལ་ཆུ།
ཁྱུང་བོ་དཀར་ནག་སེར་གསུམ་གྱི་ཆུ། བྱང་གི་སོག་ཆུ། ནག་ཆུ། རྒྱ་སྟོན་དང་ལྕགས་ར་དཔལ་འབར་གྱི་ཆུ་སོགས་འདྲེས་ཏེ་འབར་མ་ཕྱོགས་སུ་འགྲོ་བའི་ཆུ་ཆེན།
西怒江。汇合穷波三部,素曲,那曲,及边坝等一带河流,下游经缅甸入海的一大江名。
ཁོ་ཆུ་གོང་མ།
རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ཅིག   མཚོ་སྔོན་ཞིང་ཆེན་ཁོངས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དགའ་བདེ་རྫོང་དུ་ཡོད།
西科曲。黄河上游一支流,在青海省果洛藏族自治州甘德县境内。
ཁོ་ཆུ་འགབ་མ།
རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ཅིག   མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་དུ་ཡོད།
东科曲。黄河上游一支流,在青海省果洛藏族自治州甘德县境内。
ཁྱེ་བཤང་མཚོ།
བོད་རང་སྐྱོང་ལྗོངས་ཀྱི་དཔལ་མགོན་རྫོང་ཁོངས་རྩ་སྐྱ་གཙང་པོའི་བྱང་ངོས་སུ་ཡོད།
其香错。湖名。在西藏自治区班戈县境扎加河北。
ཁྲི་བགྲངས་མཚོ།
མཚོ་སྔོན་ཞིང་ཆེན་ཁོངས་མཚོ་ནུབ་སོག་རིགས་བོད་རིགས་ཧ་སག་རིགས་རང་སྐྱོང་ཁུལ་གོར་མོ་རྫོང་གི་མཚོ་ཞིག
赤布张湖。位于青海省海西蒙古族藏族哈萨克族自治州格尔木县境内。
འཁོལ་ཆུ་གཙང་པོ།
འབབ་ཆུ་ཞིག  ཆུ་འགོ་བོད་རང་སྐྱོང་ལྗོངས་ཀྱི་གམ་པ་རྫོང་གི་བྱང་རྒྱུད་དུ་ཡོད། སྨད་རྒྱུད་ལ་གཡས་རུ་གཙང་པོ་ཟེར། མཐར་བུམ་ཆུ་དང་འདྲེས་ཏེ་བལ་ཡུལ་དུ་འབབ།
苦曲藏布。河名。源出西藏自治区岗巴县北部,下游称叶如藏布,与朋曲汇合后,流入尼泊尔境。
འཁྱིལ་ཆུ།
བོད་རང་སྐྱོང་ལྗོངས་ཀྱི་འབྲི་རུ་རྫོང་གི་ལྷོ་རྒྱུད་ཀྱི་འབབ་ཆུ་ཞིག་ཡིན་ཞིང་། དེའི་ཆུ་འགོ་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་བྱང་ངོས་ནས་བྱུང་སྟེ་དཔལ་འབར་རྫོང་ཁོངས་ས་སྟེང་གི་ཉེ་འདབས་སུ་རྒྱལ་མོ་རྔུལ་ཆུའི་ནང་དུ་འབབ།
其曲。河名。在西藏自治区比如县南部,源于念青唐古拉山脉北麓,在边坝县沙丁附件流入怒江。
༼ ག ༽
གང་གཱ།
ཡ་གླིང་གི་ཆུ་བོ་ཆེན་པོ་ཞིག་ཡིན་པ་འདིའི་ཆུ་འགོ་ནི་བོད་རང་སྐྱོང་ལྗོངས་ཀྱི་གླང་ཆེན་ཁ་འབབ་ཡིན་ཞིང་། རྒྱ་གར་དང་བྷང་ག་ལ་བརྒྱུད་ནས་རྒྱ་མཚོར་འབབ། བོད་ཀྱི་གནས་ཡིག་རྙིང་པའི་ནང་དུ་མཚོ་མ་དྲོས་པའི་ཤར་ཕྱོགས་ནས་དངུལ་གྱི་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་དངུལ་གྱི་བྱེ་མ་འདྲེན་ཞིང་ཆུ་ཕྲན་ལྔ་བརྒྱ་དང་བཅས་པ་མཚོ་མ་དྲོས་པ་ལ་གཡས་སུ་བསྐོར་ནས་ཤར་གྱི་རྒྱ་མཚོར་འབབ་ཅེས་གསལ།
恒河。亚洲大河名。其上游为西藏象泉河,流经印度及孟加拉国入海。西藏古地方志说:玛那萨罗沃池岸有银色岩,形如象口,流出五百小溪,携带银沙,右绕池周,东流入海。
གོང་མོ་མཚོ།
བོད་རང་སྐྱོང་ལྗོངས་ཀྱི་སྣ་དཀར་རྩེ་རྫོང་ཁོངས་ཡར་འབྲོག་གཡུ་མཚོའི་ནུབ་ངོས་སུ་ཡོད།
空姆错。湖名。在西藏自治区浪卡子县境内,羊卓雍错的西面。
གྭ་ཆུ།
འབབ་ཆུ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་སྟེང་ཆེན་རྫོང་གི་ནུབ་རྒྱུད་དུ་ཡོད།
嘎曲。河名。在西藏自治区丁青县西部。
གྲབ་གཡེར་ཚྭ་ཁ།
བོད་རང་སྐྱོང་ལྗོངས་ཀྱི་འབྲོང་པ་རྫོང་གི་བྱང་རྒྱུད་དུ་ཡོད།
扎木耶茶卡,扎木耶盐湖。在西藏自治区仲巴县北部。
གྲི་གུ་མཚོ།
བོད་རང་སྐྱོང་ལྗོངས་ཀྱི་མཚོ་སྨད་རྫོང་ཁོངས་སུ་ཡོད།
哲古错。湖名。在西藏自治区措美县境。
གྲུ་བ་ཆུ་ཁ།
བོད་རང་སྐྱོང་ལྗོངས་ཀྱི་སྨར་ཁམས་རྫོང་ཁོངས་འབྲི་ཆུའི་གྲུ་ཁ་ཞིག་ཡིན།
竹哇曲卡,竹巴龙渡口。西藏自治区芒康县境金沙江上的一个渡口。
གྲུམ་པ་གཡུ་ཆུ།
འབབ་ཆུ་ཞིག  ཆུ་འགོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བྱང་ངོས་ནས་བྱུང་། བོད་རང་སྐྱོང་ལྗོངས་ཀྱི་ཁང་དམར་རྫོང་གི་དབུས་རྒྱུད་ནས་བྱང་ངོས་རྒྱལ་རྩེ་རྫོང་དུ་འབབ་ཅིང་། མྱང་ཆུའི་ཡན་ལག་ཅིག་ཡིན།
冲巴涌曲。河名。源于喜马拉雅山北麓,从西藏自治区康马县中部向北流入江孜县,为年楚河之支流。
གྲེམས་མཚོ།
བོད་རང་སྐྱོང་ལྗོངས་ཀྱི་སྣ་དཀར་རྩེ་རྫོང་ཁོངས་ཡར་འབྲོག་གཡུ་མཚོའི་ནུབ་ངོས་སུ་ཡོད།
沉错。湖名。在西藏自治区浪卡子县境羊卓雍湖的西面。
གླ་ཆུ།
མདོ་སྨད་ཆབ་མདོ་བརྒྱུད་ནས་འབབ་པའི་ཆུ་བོ་ཟླ་ཆུའི་མིང་གི་ཟུར་ཆག
澜沧江,拉楚。昌都以南地区方言有读 ཟླ་ གླ་ 者,故呼澜沧江为拉楚。
གླང་ཆེན་ཁ་འབབ།
བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་ཁོངས་རྩ་མདའ་རྫོང་གི་ཆུ་ཞིག་སྟེ་རྒྱ་གར་ཆུ་བོ་གང་གཱ་ཞེས་པའི་ཆུ་འགོ།
朗钦喀巴,象泉河。西藏自治区阿里地区扎达县水名。是恒河水源之一。
དགུ་ཆུ།
མཚོ་སྔོན་ཞིང་ཆེན་ཁོངས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་རྫོང་གི་འབབ་ཆུ་ཞིག
格曲。青海省果洛藏族自治州玛沁县一河名。
དགོས་རིང་ཆུ།
མཚོ་སྔོན་ཞིང་ཆེན་ཁོངས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་རྫོང་གི་འབབ་ཆུ་ཞིག
给让曲。青海省果洛藏族自治州玛沁县一河流名。
རྒྱལ་མཁར་གཞུང་ཆུ།
བོད་རང་སྐྱོང་ལྗོངས་ཀྱི་པ་སྣམ་རྫོང་ཁོངས་སུ་ཡོད།
江嘎雄曲。河名,在西藏自治区白朗县境。
རྒྱལ་མོ་རྔུལ་ཆུ།
རང་རྒྱལ་ལྷོ་ནུབ་ས་ཁུལ་གྱི་ཆུ་བོ་ཆེན་པོ་ཞིག་ཡིན། སྟོད་རྒྱུད་ཀྱི་ནག་ཆུ་དང་། ཤག་ཆུ། སོག་ཆུ་བཅས་གདང་ལ་རི་རྒྱུད་ཀྱི་ནུབ་ངོས་ནས་བྱུང་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་འབྲི་རུ་རྫོང་ཁུལ་དུ་ནག་ཆུ་དང་སོག་ཆུ་འཛོམས་རྗེས་རྒྱལ་མོ་རྔུལ་ཆུ་ཞེས་འབོད། དེ་ནས་སོག་དང་། དཔལ་འབར། སྟེང་ཆེན། ལྷོ་རྫོང་། དཔའ་ཤོད། མཛོ་སྒང་། ཚ་བ་རོང་། ཡུན་ནན་ཞིང་ཆེན་གྱི་ནུབ་རྒྱུད་བཅས་བརྒྱུད་དེ་རྒྱལ་མཚམས་ཀྱི་ཕྱི་རོལ་ཏུ་འབབ་དུས་མིང་ལ་སར་ཝུན་གཙང་པོ་ཟེར་ཞིང་། འབར་མ་རྒྱལ་ཁབ་ནས་ཧིན་རྡུ་རྒྱ་མཚོ་ཆེན་མོར་འབབ་པ་རེད།
怒江。我国西南地区大河之一。上游的那曲,下曲,索曲皆源于唐古拉山南麓,在西藏自治区比如县境内那曲和索曲汇流后称怒江,以后流经索县,边坝,丁青,洛隆,八宿,左贡,檫哇绒和滇西地区后,出国称萨尔温江,在缅甸入印度洋。
སྒར་གཙང་པོ།
བོད་རང་སྐྱོང་ལྗོངས་ཀྱི་སྒར་རྫོང་དུ་ཡོད་པའི་ཆུ་བོ་ཞིག་ཡིན། ཆུ་འགོ་གངས་ཏེ་སེའི་ནུབ་ངོས་སུ་ཡོད་ཅིང་བཀྲ་ཤིས་སྒང་གི་ཡན་ཙམ་དུ་སེང་གེ་གཙང་པོའི་ནང་དུ་འབབ།
噶尔藏布。河名。在西藏自治区噶尔县境,源于冈底斯西摩,在扎西冈附件流入狮泉河。
༼ ང་ ༽
ངང་རྩི་མཚོ།
བོད་རང་སྐྱོང་ལྗོངས་ཀྱི་ཤན་རྩ་རྫོང་གི་ལྷོ་རྒྱུད་དུ་ཡོད།
昂孜错。湖名。在西藏自治区申扎县南部。
ངང་ལ་རིང་མཚོ།
མཚོ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་སྒེར་རྩེ་རྫོང་དང་འབྲོང་པ་རྫོང་གི་མཚམས་སུ་ཡོད།
昂拉仁错。昂拉陵湖。湖名。在西藏自治区改则县和仲巴县交界处。
ངོམ་ཆུ།
འབབ་ཆུ་ཞིག  ཆུ་འགོ་གདང་ལའི་རི་རྒྱུད་ནས་བྱུང་ཞིང་མཚོ་སྔོན་ཞིང་ཆེན་གྱི་ནང་ཆེན་རྫོང་དང་བོད་རང་སྐྱོང་ལྗོངས་ཀྱི་རི་བོ་ཆེ་རྫོང་བརྒྱུད་དེ་ཆབ་མདོར་ཟླ་ཆུའི་ནང་དུ་འབབ།
昂曲。河名。发源于唐古拉山,流经青海省的囊搛县和西藏自治区德类乌齐县,在昌都流入澜沧江。
༼ ཅ ༽
ཅང་ངལ་གཙང་པོ།
འབབ་ཆུ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ཤན་རྩ་རྫོང་གི་དབུས་རྒྱུད་དུ་ཡོད། དེའི་ཆུ་འགོ་རྫོང་འདིའི་ཤར་རྒྱུད་ན་ཡོད་ཅིང་ནུབ་ངོས་སུ་བརྒྱུགས་ཏེ་གཡི་སྦུག་ཚྭ་ཁའི་ནང་དུ་འབབ།
江爱藏布。河名。在西藏自治区申扎县中部,发源于该县东部,向西流入依布茶卡(盐湖)。
༼ ཆ ༽
ཆུ་སྔོན།
རྨ་ཆུའི་ཡན་ལག་ཅིག་སྟེ། མཚོ་སྔོན་ཞིང་ཆེན་ཁོངས་མཚོ་ལྷོ་བོད་རིསག་རང་སྐྱོང་ཁུལ་གྱི་ཞིང་ཧའེ་རྫོང་དུ་ཡོད།
曲什安河。黄河上游一支流,在青海省海南藏族自治州兴海县境内。
ཆུ་ཆེན།
ཆུ་བོ་ཞིག་སྟེ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཆུ་སྐེད་ལ་ཆུ་ཆེན་ཆུ་ཟེར།
大金川。河流名,四川省阿坝藏族自治州大渡河中游部分,称大金川。
ཆུ་དམར།
འབྲི་ཆུའི་ཆུ་འགོ་བྱང་མ་སྟེ། མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་དུ་ཡོད།
楚玛尔河。一称曲麻莱河,在青海省西部,是金沙江北源。
མཆོར་ཚྭ་ཁ།
ཚྭ་ཁ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་དཔལ་མགོན་རྫོང་ཁོངས་སུ་ཡོད།
雀尔茶卡。盐湖名。在西藏自治区班戈县境内。
༼ ཇ ༽
༼ ཉ ༽
ཉ་མགོ་གྲུ་ཁ།
བོད་རང་སྐྱོང་ལྗོངས་ཀྱི་སྣེ་གདོང་རྫོང་གི་ཁོངས་ཡར་ཀླུངས་གཙང་པོའི་ཐོག་གི་གྲུ་ཁ་ཞིག
娘果竹卡。渡口名。在西藏自治区乃东县境雅鲁藏布江上。
ཉ་བཤང་ཆུ།
འབབ་ཆུ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་མཚོ་སྣ་རྫོང་གི་ནུབ་རྒྱུད་དུ་ཡོད། ཆུ་འགོ་དམར་ཙག་ལ་ནས་བྱུང་ཞིང་དེའི་སྟོད་རྒྱུད་ལ་མདོ་མཁར་གཞུང་ཆུ་དང་། སྨད་རྒྱུད་ལ་ཉ་བཤང་ཆུ་ཞེས་ཟེར། རྟ་དབང་ཆུ་དང་འདྲེས་རྗེས་ལྷོ་ངོས་འབྲུག་ཡུལ་དུ་འབབ།
娘江曲。河名。在西藏自治区错那县西部,发源于马扎拉山,上游名为洞嘎雄曲,下游称为娘江曲。与达旺河汇合向南流入不丹。
ཉག་ཆུ།
འབྲི་ཆུའི་ཆུ་ལག་ཅིག  སི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས་སུ་ཡོད། ཆུ་འགོ་མཚོ་སྔོན་ཞིང་ཆེན་གྱི་བ་ཡན་ཧ་རིའི་ལྷོ་ངོས་ནས་བྱུང་སྟེ་ཤར་ལྷོའི་ཁྲི་འདུ་དང་། སེར་ཤུལ། དཀར་མཛེས། ཉག་ཆུ་ཁ་སོགས་བརྒྱུད་དེ་མཐར་འབྲི་ཆུར་འབབ།
雅砻江。在四川省西部,发源于青海省巴颜喀拉山南麓,东南流经称多,石渠,甘孜,雅江等县,于渡口市附近入金沙江。
ཉང་ཆུ།
དབུས་ཀྱི་དྭགས་ཀོང་ས་ཁུལ་གྱི་ཆུ་བོ་ཞིག་སྟེ། སྔར་བོད་ཀྱི་ཉང་ཞེས་པའི་རིགས་རུས་ཤིག་གི་ཚོ་པ་སྡོད་ཡུལ་གྱི་ས་ཆའི་མིང་ལ་བརྟེན་ནས་བཏགས་པའི་ཆུ་ཀླུང་ཞིག
尼洋河。前藏塔工地区一大河名。其流域为古代西藏尼洋氏部族聚居地,因而得名。
ཉི་ཀུང་ཆུ།
ཆུ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ཀློ་ཡུལ་ས་ཁུལ་གྱི་འབབ་ཆུ་ཞིག
宁贡曲。河名。在西藏自治区珞隅地区。
ཉེ་རུ་གཙང་པོ།
འབབ་ཆུ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ཁང་དམར་རྫོང་དང་རྒྱལ་རྩེ་རྫོང་གི་ཁུལ་དུ་ཡོད། ཆུ་འགོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བྱང་ངོས་ནས་བྱུང་ཞིང་མྱང་ཆུའི་ཡན་ལག་ཅིག་ཡིན།
涅如藏布。河名。在西藏自治区康马县和江孜县境。发源于喜马拉雅山北麓,为年楚河的一个支流。
རྙི་ཁོག་ཆུ།
སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དཀར་མཛེས་དང་གསེར་ཐར་བར་གྱི་འབབ་ཆུ་ཞིག་སྟེ། བྱང་ནས་ལྷོ་རུ་བརྒྱུགས་ཏེ་ཉག་ཆུར་འབབ།
尼柯河。四川省甘孜藏族自治州甘孜河色达县之间的一河流,从北向南流入雅砻江。
༼ ཏ ༽
རྟ་མཆོག་ཁ་འབབ།
ཁ་འབབ་བཞིའི་ནང་གསེས། བོད་རང་སྐྱོང་ལྗོངས་ཁོངས་གངས་ཏེ་སེའི་ལྷོ་ངོས་ནས་བྱུང་ཞིང་། འབྲོང་པ་རྫོང་བརྒྱུད་ནས་འབབ་པའི་ཆུ་ཞིག་སྟེ། ཡར་ཀླུངས་གཙང་པོའི་ཆུ་འགོའམ་སྟོད་རྒྱུད་དེ། རྟ་མཆོག་གཙང་པོ་ཡང་ཟེར།
马泉河。四河源之一。西藏自治区仲巴县境内河流名,为雅鲁藏布江上游。别名当却藏布。
རྟ་ནག་ཕུ་ཆུ།
བོད་རང་སྐྱོང་ལྗོངས་ཀྱི་བཞད་མཐོང་སྨོན་རྫོང་གི་ཤར་རྒྱུད་དུ་ཡོད་པའི་འབབ་ཆུ་ཞིག་དང་ཡར་ཀླུངས་གཙང་པོའི་ཡན་ལག་ཅིག་ཡིན།
达那浦曲。河名。在西藏自治区谢通门县东部,为雅鲁藏布江一支流。
སྟག་རྐྱལ་མཚོ།
བོད་རང་སྐྱོང་ལྗོངས་ཀྱི་ངམ་རིང་རྫོང་གི་ནུབ་རྒྱུད་དུ་ཡོད་པའི་མཚོ་ཞིག
打加错。湖名。在西藏自治区昂仁县西部。
སྟག་རྩེ་མཚོ།
བོད་རང་སྐྱོང་ལྗོངས་ཀྱི་ཤན་རྩ་རྫོང་གི་དབུས་རྒྱུད་དུ་ཡོད་པའི་མཚོ་ཞིག
达则错。湖名。在西藏自治区申扎县中部。
སྟོང་གི་མཚོ་ནག
མཚོ་ཞིག  མཚོ་སྔོན་ཞིང་ཆེན་ཁོངས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་དུ་ཡོད།
冬给措纳湖。位于青海省果洛藏族自治州玛多县境内。
སྟོད་ལུང་ཆུ།
བོད་རང་སྐྱོང་ལྗོངས་ཀྱི་སྟོད་ལུང་བདེ་ཆེན་རྫོང་ཁོངས་ཀྱི་ཆུ་བོ་ཞིག་དང་སྐྱིད་ཆུའི་ཡན་ལག་ཅིག་ཡིན།
堆龙曲。河名。在西藏自治区堆龙德庆县境,为拉萨河一支流。
༼ ཐ ༽
ཐ་རོ་མཚོ།
བོད་རང་སྐྱོང་ལྗོངས་ཀྱི་འབྲོང་པ་རྫོང་གི་བྱང་རྒྱུད་དུ་ཡོད།
塔若错。湖名。在西藏自治区仲巴县北部。
༼ ད ༽
དར་ཆུ།
རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ཅིག  མཚོ་སྔོན་ཞིང་ཆེན་ཁོངས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དར་ལག་རྫོང་དུ་ཡོད།
达日河。黄河上游一支流。在青海省果洛藏族自治州达日县境内。
དོང་ཚང་ཆུ།
འབབ་ཆུ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་མཚོ་སྣ་རྫོང་ཁོངས་མོན་ཡུལ་དུ་ཡོད།
东章曲。河名。在西藏自治区错那县门隅地区。
དྭངས་ར་གཡུ་མཚོ།
མཚོ་ཞིག  བོད་རང་སྐྱོང་ལྗོངས་ཤན་རྩ་རྫོང་ཁོངས་སུ་ཡོད།
当惹雍错。唐古拉攸穆错。湖名。在西藏自治区申扎县境。
གདང་ཆུ།
འབབ་ཆུ་ཞིག  ཆུ་འགོ་གདང་ལའི་ལྷོ་ངོས་ནས་བྱུང་ཞིང་བོད་རང་སྐྱོང་ལྗོངས་ཀྱི་སྙན་རོང་རྫོང་ཁུལ་དུ་ཤག་ཆུ་དང་འདྲེས་པ་དེ་རྒྱལ་མོ་རྔུལ་ཆུའི་ཆུ་འགོ་ཞིག་ཡིན།
当曲。河名。发源于唐古拉山南麓,在西藏自治区聂荣县境与下曲汇合为怒江之一源头。
མདོ་ཆུ།
མཚོ་སྔོན་ཞིང་ཆེན་ཁོངས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་གི་འབབ་ཆུ་ཞིག
多曲河。在青海省果洛藏族自治州玛多县北流入鄂陵湖。
འདམ་ཆུ།
བོད་རང་སྐྱོང་ལྗོངས་ཀྱི་འདམ་གཞུང་རྫོང་གི་དབུས་སུ་ཡོད་པའི་འབབ་ཆུ་ཞིག་ཡིན་ཞིང་། འཕེན་ཡུལ་ངན་ཆུའི་ཡན་ལག་ཅིག་ཡིན།
当曲。河名。在西藏自治区当雄县中部,为澎玉年曲一支流。
རྡལ་ཆུ།
སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དཀར་མཛེས་རྫོང་གི་འབབ་ཆུ་ཞིག
达曲。四川省甘孜藏族自治州甘孜县一河流名。
སྡིངས་ཆུ།
སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འབབ་ཆུ་ཞིག  བྱང་ནས་ལྷོ་ཕྱོགས་སུ་ལི་ཐང་དང་སྡེ་རུང་རྫོང་བརྒྱུད་དེ་འབྲིེ་ཆུར་འབབ།
定曲。四川省甘孜藏族自治州一河流,从北向南经理塘,德荣等县流入金沙江。
ན་ར་གཡུ་མཚོ།
བོད་རང་སྐྱོང་ལྗོངས་ཀྱི་མཚོ་སྣ་རྫོང་གི་བྱང་རྒྱུད་དུ་ཡོད།
拿日雍错。湖名。在西藏自治区错那县北部。
ནག་ཆུ།
འབབ་ཆུ་ཞིག  ཆུ་འགོ་གདང་ལའི་ལྷོ་ངོས་ནས་བྱུང་ཞིང་བོད་རང་སྐྱོང་ལྗོངས་ཀྱི་ཨ་མདོ་རྫོང་ཁུལ་གྱི་ནག་མཚོར་འབབ། དེ་ནས་ནག་ཆུ་རྫོང་བརྒྱུད་དེ་འབྲི་རུ་རྫོང་ཁུལ་དུ་ཤག་ཆུ་དང་འདྲེས་ཤིང་། དེ་ནས་སོག་རྫོང་ཁུལ་དུ་སོག་ཆུ་དང་འདྲེས་རྗེས་གཞི་ནས་རྒྱལ་མོ་རྔུལ་ཆུ་ཞེས་ཟེར།
那曲。河名。源于唐古拉山南麓,流入西藏自治区安多县境的错那(湖)。此后经那曲县与在比如县的下秋河汇流,在索县境与索曲汇合后,始称怒江。
ནེ་རི་བུལ་མཚོ།
བོད་རང་སྐྱོང་ལྗོངས་ཀྱི་ནག་ཆུ་རྫོང་གི་ནུབ་རྒྱུད་དུ་ཡོད།
乃日平错。湖名。西藏自治区那曲县西部的一碱湖名。
གནམ་མཚོ།
མཚོ་ཞིག  སོག་སྐད་དུ་ཐང་གེ་རི་ནོའུར་ཞེས་ཟེར། ལྷ་སའི་ནུབ་བྱང་ངོས་འདམ་གཞུང་དང་དཔལ་མགོན་རྫོང་གཉིས་ཀྱི་མཚམས་སུ་ཡོད། འབོ་ཆུ་སོགས་མཚོ་འདིའི་ནང་དུ་འབབ་ཅིང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་ ༡༩༩༣ ཡོད། བོད་རང་སྐྱོང་ལྗོངས་ཀྱི་མཚོ་ཆེ་ཤོས་ནི་འདི་ཡིན།
纳木错。湖名。蒙古称滕格里海。在西藏自治区拉萨市以北当雄,班戈两县间,有波曲等水注入,面积1993平方公里。为西藏第一大湖。
༼ པ ༽
པཀཥུ།
༼ ལེགས། ༽ རྟ་མཆོག་ཁ་འབབ་སྟེ་ཡར་ཀླུངས་གཙང་པོ། བོད་ཀྱི་གནས་ཡིག་རྙིང་པའི་ནང་ནས་གསལ་བ་ལྟར་མཚོ་མ་དྲོས་པའི་ནུབ་ཕྱོགས་སུ་བེེཌཱུརྱའི་བྲག་རྟའི་ཁ་འདྲ་བ་ནས་བྱུང་བའི་ཆུ་བོ་པཀཥུ་ཞེས་པས་བེེཌཱུརྱའི་བྱེ་མ་འདྲེན་ཞིང་ཆུ་ཕྲན་ལྔ་བརྒྱ་དང་བཅས་མཚོ་མ་དྲོས་པ་ལ་གཡས་སྐོར་ལན་བདུན་བྱས་ནས་ནུབ་ཀྱི་རྒྱ་མཚོར་འབབ་པ་ཞིག་གོ།
缚刍河。马泉河下游名,为印度四大河之一。西藏古地方志说:无然池西岸,有琉璃岩,形如马口,流出五百小溪,带琉璃沙,右绕池周七匝,流入西海。
པད་ཁུ་མཚོ།
བོད་རང་སྐྱོང་ལྗོངས་ཁོངས་གཉའ་ནང་རྫོང་དང་སྐྱིད་རོང་རྫོང་གི་མཚམས་སུ་ཡོད་པའི་མཚོ་ཞིག
佩枯错。湖名。在西藏自治区聂拉木县和吉隆县之间。
དཔེ་ལུང་ཆུ།
མཚོ་སྔོན་ཞིང་ཆེན་ཁོངས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་འདུ་རྫོང་གི་འབབ་ཆུ་ཞིག
白陇曲。青海省玉树藏族自治州称多县一河流名。
སྤང་གོང་མཚོ།
བོད་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་རུ་ཐོག་རྫོང་དུ་ཡོད་པའི་མཚོ་ཞིག་ཡིན་ཞིང་། མཚོ་མོ་འདིའི་ནུབ་ངོས་ཀྱི་སྣེ་མོ་དེ་ཀསྨིར་གྱི་ནང་དུ་ཆུད་ཅིང་མཚོ་འདིའི་ནུབ་རྒྱུད་དེ་ཚྭ་ཆུ་དང་ཤར་རྒྱུད་དེ་མངར་ཆུ་ཡིན།
班公错。湖名。在西藏自治区西部日土县境内,西瑞伸入克什米尔境内,西部为咸水,东部为淡水。